བེད་མེད་བཟོ་གྲྭ་ལུས་རྩལ་ཐང་དུ་གྱུར། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-05-08

འདི་ནི་ཕྲུ་གུ་ཆུང་ཆུང་ཚོས་གཡོད་ཏུང་ཁྲེན་ཞིང་ལུས་རྩལ་དགའ་ཚལ་དུ་འཁོར་ཤུད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།

“ལྔ་གཅིག”གུང་གསེང་རིང་། ཐེན་ཅིན་གྲོང་ཁྱེར་པེ་ཁྲེན་ཆུས་གཡོད་ཏུང་ལུས་རྩལ་དགའ་ཚལ་དངོས་སུ་སྒོ་ཕྱེ་ཞིང་། ཆེད་ལས་ཀྱི་འཁོར་ཤུད་ར་བ་དང་། གནའ་ཉམས་ཕིང་ཕང་སྤོ་ལོ་ཁང་། ཕ་མ་བུ་ཕྲུག་གི་ལུས་རྩལ་དགའ་ཚལ་སོགས་ལ་ལུས་རྩལ་དགའ་མོས་པ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། གཡོད་ཏུང་ཁྲེན་ཞིང་ལུས་རྩལ་དགའ་ཚལ་ནི་དེ་སྔ་ཐེན་ཅིན་ཚོན་རྩི་བཟོ་གྲྭ་སྤོས་རྗེས་ཀྱི་བེད་མེད་བཟོ་གྲྭ་ཞིག་རེད། ཐེན་ཅིན་གྲོང་ཁྱེར་པེ་ཁྲེན་ཆུས་ཀྱིས་ཆེད་ལས་ཀུང་སི་ནང་འདྲེན་བྱས་ཏེ་བཟོ་གྲྭ་རྙིང་པར་རིམ་སྤོར་སྒྱུར་བཀོད་བྱས་པས་བཟོ་གྲྭ་རྙིང་པ་དེ་དར་སོ་ཆེ་བའི་ལུས་རྩལ་རྟེན་གཞིར་གྱུར་ཡོད།