རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“ཁྱབ་གདལ་ལྔ་དང་སློབ་སྦྱོང་ལྔ”ཁེ་ལས་སུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-09

ཉེ་ཆར། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ལྗོངས་ཀྲུང་ཤིང་ཚོང་དོན་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སི་དང་མཉམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“ཁྱབ་གདལ་ལྔ་དང་སློབ་སྦྱོང་ལྔ”ཁེ་ལས་སུ་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་ས་གནས་ས་ཐོག་ཏུ་བོད་ལྗོངས་ཀྲུང་ཤིང་ཚོང་དོན་ཟོག་འགྲེམས་ཐོན་ལས་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིར་བརྟག་ཞིབ་བྱས་པ་མ་ཟད། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་གདན་དྲངས་ནས“བོད་ཀྱི་དོན་དངོས་དང་འཚམ་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང”བྱེད་རྒྱུའི་སྐོར་སློབ་ཁྲིད་བྱས་པ་དང་འབྲེལ། “གཞུང་ཁོངས་ཁེ་ལས་ཀྱིས་བོད་ཀྱི་དོན་དངོས་དང་འཚམ་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་ཇི་ལྟར་སྐྱེད་སྲིང”དང་། “ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འཕར་ཚད་མགྱོགས་སུ་དང་སྤུས་ཚད་ལེགས་སུ་ཇི་ལྟར་གཏོང་བ” “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་ཇི་ལྟར་འདོན་པ”སོགས་ལ་དམིགས་ནས་བཞུགས་མོལ་བྱས་པ་རེད།