ཀྲུང་གོའི་ཕུགས་འདུན་མཐར་གཏུགས་ནས་བཤད་ན་མི་དམངས་ཀྱི་ཕུགས་འདུན་ཡིན། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-09

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ཕུགས་འདུན་ནི་མི་རིགས་ཀྱི་ཕུགས་འདུན་ཡིན་ལ་ཀྲུང་གོ་བ་ཚང་མའི་ཕུགས་འདུན་ཡང་ཡིན”ཞེས་ནན་བཤད་གནང་ཡོད། གང་ཞིག་ལ་ཀྲུང་གོའི་ཕུགས་འདུན་ཟེར་རམ་ཞེ་ན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ཀྱི་ཀྲུང་གོའི་ཕུགས་འདུན་རླབས་ཆེ་ཤོས་ཡིན་པ་དང་། དེ་ལས་ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་སྤྱི་ཡོངས་ཀྱི་ཁེ་ཕན་མཚོན་པ་དང་། དེ་ནི་ཀྲུང་ཧྭའི་བུ་ཕྲུག་ཚང་མའི་ཐུན་མོང་གི་རེ་སྒུག་རེད།

ཀྲུང་གོའི་ཕུགས་འདུན་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ཡིན་ལ་ཀྲུང་གོ་བ་ཚང་མའི་ཕུགས་འདུན་ཡང་རེད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་མི་གང་རུང་ཞིག་དང་མི་ཉུང་ཤས་ཤིག་གི་ཕུགས་བསམ་མ་ཡིན་པར། དེ་ནི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་ཐུན་མོང་གི་དོན་གཉེར་བྱེད་ས་ཞིག་རེད། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ནི་མི་གང་རུང་ཞིག་དང་མི་ཉུང་ཤས་ཤིག་ལ་གྲུབ་འབྲས་ཐོབ་པ་ཞིག་མ་ཡིན་པར། དེ་ནི་མི་དམངས་ཡོངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན། མིག་སྔར་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་རུང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དམིགས་ཚད་དང་ཐག་ཉེ་ཤོས་སུ་གནས་ཡོད་པ་དང་། ལོ་རྒྱུས་ཐོག་གི་དུས་སྐབས་གང་རུང་ཞིག་ལས་ཀྱང་དམིགས་ཚད་འདི་མངོན་འགྱུར་བྱེད་པའི་གདེང་ཚོད་དང་ནུས་པ་སྔར་བས་ཆེ་བ་ཡོད། འོན་ཀྱང་བདེ་སྐྱིད་ནི་དཀའ་ལས་མ་བརྒྱབ་པར་རང་བཞིན་དུ་ཡོང་མི་སྲིད་ལ། ཕུགས་བསམ་ཡང་རང་བཞིན་དུ་འགྲུབ་མི་ཐུབ། དེའི་དོན་དུ་ཀྲུང་གོ་བ་མི་རབས་མང་པོས་མཉམ་དུ་འབད་བརྩོན་བྱེད་དགོས་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱེད་དགོས། རང་རྟོགས་ངང་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ནང་མི་ཚེའི་ཕུགས་བསམ་དང་ཁྱིམ་ཚང་གི་བདེ་སྐྱིད་མཉམ་འདྲེས་དང་། མི་སྒེར་གྱི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཕུགས་འདུན་འཆང་བ་དང་། ཕུགས་འདུན་དོན་གཉེར། ཕུགས་འདུན་མངོན་འགྱུར་བཅས་ལ་འབད་འཐབ་བྱས་ཚེ་གཞི་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ།

ཀྲུང་གོའི་ཕུགས་འདུན་ནི་མི་དམངས་ཀྱི་ཕུགས་འདུན་ཡིན་པས། ངེས་པར་དུ་མི་དམངས་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་པ་དང་། མི་དམངས་ལ་བདེ་སྐྱིད་ཟམ་མི་ཆད་པར་བསྐྲུན་པ་དང་། མི་དམངས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་དམངས་ཀྱི་འཛད་མཐའ་མེད་པའི་སྟོབས་ཤུགས་སྐུལ་སློང་བྱེད་པ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་ལས་རིགས་དང་མི་ཚང་མའི་སེམས་སུ་ཕུགས་འདུན་འཆང་བ་དང་དཀའ་སྤྱད་འབད་འཐབ་ཀྱིས་གཅིག་རྗེས་གཉིད་མཐུད་ངང་ལས་དོན་སྒྲུབ་པ་དང་རྒྱུག་མཐུད་དབྱུག་པ་རེ་རེ་བཞིན་བརྒྱུད་སྤྲོད་བྱས་ནས། སྒུག་བརྟེན་མི་བྱེད་པ་དང་། རང་སྟོབས་རང་སྤེལ་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པ། གཡས་གཞོགས་གཡོན་འདེགས་བྱེད་པ། ལས་སྒྲུབ་ཕོད་པ། ལས་གཏོད་གསར་གཏོད་བཅས་ལ་བརྟེན་ནས་རྒྱུན་མཐུད་འབད་འཐབ་བྱེད་རིང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བོད་ལྗོངས་ཀྱི་ལེའུ་རྩོམ་དགོས།